10/05/2026
࿐སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་ལོ་འཁོར་ལས་སྡོམ་དང་ལས་བྱེད་གསར་རྙིང་འཕོ་ལེན་གྱི་མཛད་རིམ།
𝐀𝐧𝐧𝐮𝐚𝐥 𝐑𝐞𝐩𝐨𝐫𝐭 𝐌𝐞𝐞𝐭𝐢𝐧𝐠 𝐚𝐧𝐝 𝐄𝐱𝐞𝐜𝐮𝐭𝐢𝐯𝐞 𝐇𝐚𝐧𝐝𝐨𝐯𝐞𝐫 𝐂𝐞𝐫𝐞𝐦𝐨𝐧𝐲 𝐨𝐟 𝐭𝐡𝐞 6𝐭𝐡 𝐒𝐭𝐮𝐝𝐞𝐧𝐭 𝐖𝐞𝐥𝐟𝐚𝐫𝐞 𝐂𝐨𝐦𝐦𝐢𝐭𝐭𝐞𝐞
A small commitee for the welfare of our monk student's.
10/05/2026
࿐སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་ལོ་འཁོར་ལས་སྡོམ་དང་ལས་བྱེད་གསར་རྙིང་འཕོ་ལེན་གྱི་མཛད་རིམ།
𝐀𝐧𝐧𝐮𝐚𝐥 𝐑𝐞𝐩𝐨𝐫𝐭 𝐌𝐞𝐞𝐭𝐢𝐧𝐠 𝐚𝐧𝐝 𝐄𝐱𝐞𝐜𝐮𝐭𝐢𝐯𝐞 𝐇𝐚𝐧𝐝𝐨𝐯𝐞𝐫 𝐂𝐞𝐫𝐞𝐦𝐨𝐧𝐲 𝐨𝐟 𝐭𝐡𝐞 6𝐭𝐡 𝐒𝐭𝐮𝐝𝐞𝐧𝐭 𝐖𝐞𝐥𝐟𝐚𝐫𝐞 𝐂𝐨𝐦𝐦𝐢𝐭𝐭𝐞𝐞
07/05/2026
࿐སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༠༥ སྤྱི་ཚེས་ ༠༧ ཉིན་བཀའ་བརྒྱུད་མཐོ་སློབ་ཀྱི་སློབ་ཕྲུག་ཡོངས་ནས་ཡོང་འགྱུར་སྐབས་དྲུག་པའི་དང་བླངས་ཚོགས་མི་རྣམས་པར་འོས་འཕངས་པའི་དུས་ཀྱི་བརྙན་པར་འགའ།
07/05/2026
࿐སྤྱི་ལོ། ༢༠༢༦ ཟླ་བ། ༠༥ ཚེས། ༠༧ ཉིན་བཀའ་བརྒྱུད་མཐོ་སློབ་ཀྱི་སློབ་མ་རྣམས་ནས་ད་བར་སློབ་ཕྲུག་ཕན་བདེ་ཚོགས་པར་ཐོག་མཐའ་བར་གསུམ་ཐད་རོགས་བསྐྱོར་བ་ཡོངས་དང་ཞལ་འདེབས་ཕུལ་མཁན་ཡོངས་ཀྱི་ཆེད་དུ་བར་བསམ་སྒྲོལ་གསུམ་དང་སྨོན་ལམ་རྣམ་གསུམ་སོགས་ཀྱི་སྒོ་ནས་བསྔོ་བ་སྨོན་ལམ་གསུངས་གནང་བ་དང་། མཇུག་ཏུ་སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པ་ནས་ཡོང་འགྱུར་དབྱར་ཁའི་གུང་སེང་ཆེད་ལམ་གྲོན་དུ་ཧིན་སྒོར་མི་ཉུང་བ་ཞིག་ཕུལ་བའི་གསར་འགྱུར་དུ།
On 7th May, 2026, the students of Kagyu College gathered to offer heartfelt dedication prayers and aspirations. These included the "Removing obstacles on the path," "Spontaneous fulfillment of intentions," and the three Taras, along with the three types of aspirations. The prayers were dedicated to all those who have supported and donated to the Student Welfare Association from its inception until now.
At the conclusion of the prayers, the 6th Student Welfare Committee presented significant amounts as travel expenses for the upcoming summer vacation.
29/04/2026
༄༅། །དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཆེད་སློབ་ཕྲུག་ཕན་བདེ་ཚོགས་པས་གོ་སྒྲིག་གྱིས་འོག་འཆད་རྩོད་རྩོམ་གསུམ་གྱི་འགྲན་སྡུར་གནང་བ་དེ་ལེགས་པར་སྒྲུབ་ཟིན་ནས་རྩེར་སོན་པ་ཨང་དང་པོ་གཉིས་པ་གསུམ་པ་རྣམས་དང་དི་བཞིན་མཉམ་བཞུགས་གནང་བའི་སློབ་གཉེར་བ་རྣམ་ལ་བྱ་དགའ་བསྩལ་གནང་བཞིན་པའི་འདྲ་པར།
12/04/2026
࿐ དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་གོ་སྒྲིག་འོག་སྤྱི་ལོ ༢༠༢༦ ཟླ་བ་ ༠༤ ཚེས ༡༡ ཉིན་དགོང་མོ་ཕྱག་ཚོད་ ༦:༣༠ ཐོག་མཐོ་སློབ་ཀྱི་སློབ་དཔོན་རྣམས་པ་དབུ་བཞུགས་ཐོག་ཟླ་བ་བཞི་པའི་བགྲོ་གླེང་ཚོགས་གནང་བའི་འདྲ་པར་འགའ་ཞིག།
To enhance the wisdom of our beloved students, we the 6th Kagyu College Student's welfare committee tend to emphasize the activities that impart knowledge on April 11, 2026.
the monthly seminar commenced in the gracious presence of our Acharaya's (MA Student's) around 6:30 pm at the main shrine of the monastery.
# kagyu college
# 6th Kagyu College Student's welfare committee.
12/04/2026
࿐ དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་གོ་སྒྲིག་འོག་སྤྱི་ལོ ༢༠༢༦ ཟླ་བ་ ༠༤ ཚེས ༡༡ ཉིན་དགོང་མོ་ཕྱག་ཚོད་ ༦:༣༠ ཐོག་མཐོ་སློབ་ཀྱི་སློབ་དཔོན་རྣམས་པ་དབུ་བཞུགས་ཐོག་ཟླ་བ་བཞི་པའི་བགྲོ་གླེང་ཚོགས་གནང་ཞིང་། ཆོས་བཤད་དངོས་སུ་མཉམ་བཞུགས་གནང་མཁན་སྔོན་འགྲོའི་སློབ་གཉེར་བ་བསམ་བསྟན་རྒྱལ་པོ་དང་། བསྟན་བཅོས་ལོ་རིམ་དང་པོའི་སློབ་གཉེར་བ་ཚེ་རིང་དབང་དུས་དང་། དབུ་མ་ལོ་རིམ་བཞི་པའི་སློབ་གཉེར་བ་ཚུལ་ཁྲིམས་བསྟན་འཛིན་དང་། དབུ་མ་ལོ་རིམ་གཉིས་པའི་སློབ་གཉེར་བ་འཕྲིན་ལས་དབང་རྒྱལ་ཡིན། རྩོད་པ་བསྟན་བཅོས་ལོ་རིམ་དང་པོ་དང་བསྟན་བཅོས་ལོ་རིམ་གཉིས་པ་ཕན་ཚུན་དང་། ཡང་སྔོན་འགྲོ་སློབ་གཉེར་བ་༼ཁ ༽སྡེ་དང་སྔོན་འགྲོ་སློབ་གཉེར་བ་ ༼ཀ༽སྡེ་གཉིས་ཕན་ཚུན་བཅས་ཡིན། དཔྱད་རྩོམ་དབུ་མ་ལོ་རིམ་གསུམ་པ་དང་དབུ་མ་ལོ་རིམ་བཞི་པའི་སློབ་གཉེར་བ་ཐུན་མོང་གིས་བརྩམས་ཞིང་ཕན་ཚུན་ཞུ་དག་དང་དོགས་འདྲི་གནང་བ་དང་། དེ་བཞིན་ཟུར་ཉན་པ་མི་ཉུང་བ་ཞིག་ལ་དོགས་དྲི་གནང་རྒྱུའི་གོ་སྐབས་ཕུལ། ཡང་དབུ་མ་ལོ་རིམ་དང་པོའི་སློབ་གཉེར་བ་དང་དབུ་མ་ལོ་རིམ་གཉིས་པའི་སློབ་གཉེར་བ་ཐུན་མོང་གིས་བརྩམས་ཞིང་ཕན་ཚུན་ཞུ་དག་དང་དོགས་འདྲི་གནང་བ་དང་། དེ་བཞིན་ཟུར་ཉན་པ་མི་ཉུང་བ་ཞིག་ལ་དོགས་དྲི་གནང་རྒྱུའི་གོ་སྐབས་ཕུལ། མཇུག་ཏུ་ཟླ་དེའི་གཙོ་སྐྱོང་བ་སློབ་དཔོན་དཀོན་མཆོག་རབ་བསྟན་དང་། སློབ་དཔོན་དཀོན་མཆོག་ནོར་བུ་རྣམ་གཉིས་ཀྱིས་དཔྱད་རྩོམ་གྱི་བརྗོད་གཞི་དང་འབྲེལ་བའི་མཇུག་བསྡོམས་གནང་བ་དང་། ཐར་མདོ་འཛིན་པ་བསོད་ནམས་དབང་ཆེན་ནས་ཐུགས་རྗེ་ཆེའི་གསུང་བཤད་དང་བཅས་ཟླ་བ་བཞི་པའི་བགྲོ་གླེང་གྱི་མཛད་རིམ་དེ་ལེགས་པར་གྲུབ་པ་བཅས་ཀྱི་གསར་འགྱུར་དུ།། །།
སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།
སྤྱི་ལོ། ༢༠༢༦ ཟླ་བ། ༠༤ ཚེས ༡༢ ཉིན།
To enhance the wisdom of our beloved students, we the 6th Kagyu College Student's welfare committee tend to emphasize the activities that impart knowledge on April 11, 2026.
the monthly seminar commenced in the gracious presence of our Acharaya's (MA Student's) around 6:30 pm at the main shrine of the monastery
The four students who delivered their dharma talks were:
Ven. Thinley wangyal ( Madhymika 2nd)
Ven. Tsering wangdus ( Shastra 1st )
Ven. Tsultim Tenzin ( Madhymika 4th)
Ven. Samten gyalpo ( preliminary )
The Argument session was conducted between the Shastra 1st and Shastra 2nd year students and preliminary group (A) and preliminary group (B) year students
The composition on philosophy was composed by the students of Madhymika 3rd and Madhymika 4th year students and also Madhymika 1st and Madhymika 2nd year students entire students took part in the philosophical discussion. After the discussion, the two chairpeople of the seminar Acharya konchok rabten and Acharaya konchok norboo bestowed their erudite and lucid explanation on the compositions written by students. In the end our Emcee sonam wangchen expressed their gratitude for the successful accomplishment of seminars.
6th Kagyu College Student's welfare committee.
2026 / 04 / 12
25/03/2026
At the request of the 6th Kagyu College Students’ Welfare Committee, H.E. Khenchen Konchok Rangdol Rinpoche successfully concluded five days of oral transmissions and instructions.
These sessions included the oral transmission and commentary on the “Seven-Fold Protection of Tara,” along with the Sangsol offering ritual.
At the conclusion of the teachings, Ven. Thinley Chokdub, President of the Student Association, expressed heartfelt gratitude to H.E. Khenchen Konchok Rangdol Rinpoche on behalf of all members and staff of the 6th Students’ Welfare Committee. He also extended sincere thanks to the patrons who generously offered their support during the course of the teachings.
The event was brought to a perfect close with the recitation of auspicious verses from the Drikung Kagyu lineage, accompanied by a symbolic rain of flowers.
Administrative Committee
KCSWC.
25/03/2026
༄༅། །དཔལ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་བཞིན། བསྟན་པའི་གསལ་བྱེད་མཁན་ཆེན་དཀོན་མཆོག་རང་གྲོལ་མཆོག་གིས་སྤྱི་ལོ་༢༠༢༦ ཟླ་བ་ ༠༣ པའི་ཚེས་ ༡༤ ༡༨ ༡༩ ༢༠ དང ༢༡ ཉིན་ལྔའི་རིང་ཉིན་རྒྱབ་ཀྱི་དུས་ཚོད་ ༣ ནས་ ༥ བར་སྒྲོལ་མ་སྐྱབ་བདུན་མའི་ལུང་ཁྲིད་དང་དེ་བཞིན་བསང་གསོལ་བཅས་ཀྱིས་ལུང་བསྩལ་གནང་བ་ལེགས་པར་གྲུབ་ནས། མཇུག་ཏུ་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་འཕྲིན་ལས་མཆོག་སྒྲུབ་ཀྱིས་མཁན་ཆེན་དཀོན་མཆོག་རང་གྲོལ་མཆོག་ལ་སྐབས་དྲུག་པའི་སློབ་ཕྲུག་ཕན་བདེ་ཚོགས་པའི་ཚོགས་མི་ཡོངས་དང་ལས་སློབ་ཡོངས་ཀྱི་ཚབས་ནས་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་དང་། དེ་བཞིན་བཀའ་ཁྲིད་རིང་ཞལ་འདེབས་གནང་མཁན་གྱི་སྦྱིན་བདག་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། མཇུག་ཏུ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་རབས་ཀྱི་ཤིས་པར་བརྗོད་པས་མེ་ཏོག་ཆར་དུ་བསྙིལ་ཏེ་ལེགས་པར་གྲུབ་པའི་གསར་འགྱུར་དུའོ།།