Druk Lekshay Joungney school.

Druk Lekshay Joungney school.

Share

**Druk Lekshay Jungnay Institute** offers a unique blend of traditional and modern education, empowering students to excel in [specific fields].

Join us in fostering innovation and lifelong learning!

05/06/2026

Happy Birthday!
Our ma’am Sabetri.

Photos from Druk Lekshay Joungney school.'s post 05/06/2026

༆ འདི་རིང་འཛམ་གླིང་ཁོར་ཡུག་ཉིན་མོ་དང་འབྲེལ། འདི་ག་འབྲུག་གསང་སྔགས་ཆོས་གླིང་དགོན་པའི་སློབ་གྲྭ་འབྲུག་ལེགས་བཤད་འབྱུང་གནས་ཀྱི་དགེ་སློབ་རྣམས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དུས་ཡུན་ཆུ་ཚོད་གཅིག་རིང་སྤེལ་བ་ནི། སྔ་དྲོའི་ཚོགས་འདོན་སྐབས་སུ་སློབ་སྤྱི་མཆོག་དང་དགེ་ལགས་རྣམས་ནས་ཁོར་ཡུག་དང་འབྲེལ་བའི་བླང་དོར་ལམ་སྟོན་དང་། སློབ་ཕྲུག་སོ་སོ་ནས་ནས་ཀྱང་ཁོར་ཡུག་སྐོར་གཏམ་གླེང་གནང་གྲུབ་ནས། དེ་ཡི་མཇུག་ཏུ་ལས་འགུལ་དངོས་ལ་ཞུགས་ཏེ་དགེ་སློབ་མི་སྣ་བཞི་བཅུ་ཙམ་ནས་དགོན་པའི་མཐའ་སྐོར་ནས་བརྩམ་སྟེ་ས་གནས་གྲ་ལིའི་གཡས་གཡོན་དུ་གད་སྙིགས་རས་ཁུག་ལྔ་བཅུ་ལྷག་བསྒྲུགས་པ་དེས་མིག་དཔེ་བཟང་པོ་ཞིག་ཏུ་གྱུར་ནས། འཛམ་གླིང་ཁོར་ཡུག་ལ་གཅེས་སྐྱོང་བྱ་རྒྱུའི་ཐུགས་འཁུར་ལྷག་བསམ་སྐྱེ་འགྲོ་ཀུན་ལ་ཡོང་རྒྱུ་སྨོན་འདུན་ཞུ།

Today, coinciding with World Environment Day, the students and teachers of th Druk Lekshay Jungnay School, conducted an environmental protection campaign for one hour. During the morning assembly, the principal and teachers provided guidance on environmental protection and waste disposal. After the students delivered speeches on environmental issues, they participated in the actual campaign, collecting over fifty bags of garbage around the monastery and its surroundings. This commendable action serves as a good example, and we hope that everyone will take responsibility for preserving the environment.

Photos from Druk Lekshay Joungney school.'s post 29/05/2026

༄། འདི་རིང་རེས་གཟའ་པ་སངས་ཉིན་རྒྱབ་བྱེད་སྒོ་ལ། དགེ་རྒན་གྱིས་ལམ་སྟོན་འོག་སློབ་ཕྲུག་ཚོས་ཚན་རིག་དང་འབྲེལ་བའི་རེའུ་མིག་གམ་པར་རིས་བྲིས་པ་དེ་དག་གཤམ་དུ་གསལ།

The afternoon activity for this Friday was led by the teacher, and the students drew scientific charts or pictures, which are listed below.

Photos from Druk Lekshay Joungney school.'s post 15/05/2026

ཚན་པ་གཉིས་པ།
རྫོགས་སོང་།

Photos from Druk Lekshay Joungney school.'s post 15/05/2026

པར་རིས་ཚན་པ་དང་པོ།

Photos from Druk Lekshay Joungney school.'s post 10/05/2026

༈ ད་ལན་རྡོར་གླིང་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་ནས་གོ་སྒྲིག་གནང་པའི་རྒྱལ་སྤྱི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ནང་། འབྲུག་གསང་གླིང་དགོན་པའི་སློབ་གྲྭ་འབྲུག་ལེགས་འབྱུང་གནས་ནས་མཉམ་ཞུགས་གནང་བ་བཞིན། སློབ་མ་རྩེ་ཕུད་གྲས་ནས་འདི་གའི་སློབ་གྲྭ་སློབ་མ་གསུམ་ལ་གཟེངས་ཐོན་ཕྱག་འཁྱེར་དང་། བྱ་དགའ་གསོལ་རས་ཐོབ་པའི་བརྙན་པར་འགའ་དང་། ས་གནས་བོད་མིའི་དབུ་ཁྲིད་སྐུ་ཚབ་དང་། འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་གི་དྲུང་ཆེ། སློབ་གྲྭ་ཁག་གི་སློབ་སྤྱི་དང་སྐུ་ཚབ་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་གི་འཐུས་མི་དང་། བློ་གསལ་སློབ་མ་འགའི་དྲན་རྟེན་སྐུ་པར་ཞིག་གཤམ་དུ་གསལ།

This time, in the International Tibetan Calligraphy Competition organized by the Tibetan Cultural Preservation Institute, the school of the Druk Sangling Monastery, Druk Lekshay Jungnay , participated. Three of the top students from our school received certificates of excellence and prizes.

Below are some photos of the award ceremony, as well as a photo of local Tibetan leaders, representatives, the Secretary of the Jamyang Tibetan Cultural Preservation Institute, principals and representatives of the schools, representatives of official and non-governmental organizations, and some photos of the students and some other people.

08/05/2026

༆ རེས་གཟའ་པ་སངས་ཉིན་རྒྱབ་འཆར་ཅན་བྱེད་སྒོ་འདྲ་མིན་སྤེལ་གནང་བ་གཞི་བཟུང་འདི་རིང་ཡང་། ཧིན་རྡི་བཀླག་ཡ་དང་། ཨང་རྕིས་སྡོམ་རྩིས་ངག་སྐྱོར་གྱི་འགྲན་བསྡུར་བྱེད་པའི་སྣང་བརྙན་ཞིག་ཕུལ།

On Fridays, the usual activities are held, and today, a video of the Hindi reading competition and arithmetic recitation competition was presented.

Photos from Druk Lekshay Joungney school.'s post 30/04/2026

༄༅། ། འདི་རིང་སྤྱི་ཟླ་ ༤ ཚེས་ ༣༠ ཉིན་མོ་ལ། འདི་ག་དཔལ་ལྡན་འབྲུག་པའི་གདན་ས་འབྲུག་གསང་སྔགས་ཆོས་གླིང་དགོན་པའི་ཤེས་ཡོན་སྡེ་ཚན་འབྲུག་སྒར་ཐོས་བསམ་པ་དང་། འབྲུག་ལེགས་བཤད་འབྱུང་གནས་སློབ་གྲྭ་ཟུང་འབྲེལ་གྱིས་བོད་ཀྱི་དབྱངས་གསལ་སོ་བཞིའི་དུས་ཆེན་སྲུང་བརྩི་ཞུ་བ་ལགས་ན། འདི་ལ་མཉམ་ཞུགས་གནང་མཁན་སློབ་ཕྲུག་བརྒྱ་དང་ལྔ་བཅུ་ལྷག་གིས་བོད་ཀྱི་ཡིག་གཟུགས་འཁྱུག་ཡིག་དང་། དབུ་མེད་གཉིས་ལ་འགྲན་བསྡུར་གནང་ཡོད། དེ་ཡི་ནང་ནས་རྩེར་སོན་རྣམས་ལ་རང་དགོན་ལས་ཁུངས་ཕྱོགས་ནས་བྱ་དགའ་གསོལ་རས་གནང་བ་དང་སྦྲགས། དགོན་པའི་ཆོས་ཁྲིམས་ལགས་ནས་བཀའ་སློབ་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཀའ་དྲིན་སྩལ།
དེ་བཞིན་ཤེས་ཡོན་འགན་འཛིན་དང་སློབ་སྤྱི་གཅིག་ལྕོགས་མཆོག་ནས་ཀྱང་དུས་ཆེན་འདི་བཞིན་སྲུང་བརྩི་ཞུ་དགོས་པའི་དམིགས་དོན་སོགས་ལ་འགྲེལ་བཤད་ཟབ་རྒྱས་གནང་ཡོད།

མཐའ་དོན། རང་དགོན་ཆེན་མོ་འདིར་སྔར་མེད་གསར་གཏོད་ཀྱི་དུས་ཆེན་འདི་བཞིན་སྲུང་བརྩི་ཞུ་དགོས་པ་ཡང་། གཙོ་བོ་བོད་ཀྱི་སྐད་ཡིག་གཉིས་ནི། མི་རིགས་ཞིག་དང་། རྒྱལ་ཁབ་ཞིག་གི་སྐད་ཡིག་ཙམ་མ་ཡིན་པར་ནང་ཆོས་དང་འབྲེལ་བ་དམ་ཟབ་གནས་ཡོད་སྟབས། དགོན་པའི་བསྟན་བདག་༸སྐྱབས་རྗེ་འབྲུག་པ་ཐུགས་སྲས་རིན་པོ་ཆེ་ཡི་ཐུགས་དགོངས་ཟབ་རྒྱས་ཀྱིས་བཀའ་སློབ་བླང་དོར་ལམ་སྟོན་འོག་གོ་སྒྲིག་བྱེད་པ་ཞིག་ཡིན།

དེས་ཀྱང་རྣམ་དཀར་ཅི་མཆིས་བོད་ཀྱི་སྐད་ཡིག་གཉིས་ཇི་སྲིད་ནམ་མཁའི་ཁམས་གནས་པ་དེ་སྲིད་ཡུན་གནས་ཐུབ་པའི་སྨོན་ལམ་བཅས། སྐུ་པར་འགའ་ཞིག་དྲན་རྟེན་གྱི་ཚུལ་དུ་འབུལ།

Today, April 30th, the Department of Education at the glorious Drukpa Kagyu Monastery of Druk Sangngak Chöling Monastery, in collaboration with Drukgar Thösampa and Druk Lekshay Jungnay School, is commemorating Tibetan Alphabet Day. Over 150 students participated in a competition featuring both kyug and Umay Tibetan calligraphy. The top performers were awarded prizes by the monastery administration, and the disciplinarian, (Gaykoe la) gave a speech offering advice and expressing gratitude.

The Director of Education and Principal also provided in-depth explanations on the significance of celebrating this occasion.

In conclusion, the celebration of this new tradition at the grand monastery is primarily due to the deep connection between the Tibetan language and Buddhism. It is organized under the guidance of the profound teachings of our spiritual leader, Kyabje Drukpa Thuksay Rinpoche, who views the Tibetan language and script as more than just the language of a people or nation.

May the merit of this endeavor contribute to the enduring preservation of the Tibetan language and script for as long as the sky remains.

Here are a few photos as a memento.

Want your school to be the top-listed School/college in Darjeeling?

Click here to claim your Sponsored Listing.

Location

Category

Website

Address


Druk Sangag Choling Monastery (Dali Gompa)
Darjeeling