དེ་རིང་སྤྱི་ལོ་2026/6/17ཉིན་ས་ཆེན་སློབ་གྲྭའི་གུང་གསིང་སྐབས་ཀྱི་སྤྲོ་སྐྱིད་ཐེངས་གསུམ་པའི་བརྙན་ཐུང་ཞིག་གཟིགས་འབུལ་ཞུ།
Photos of Sachen School's third picnic of summur vacation at Sansdhara.
Sachen School
༄༅།། ས་ཆེན་སློབ་གྲྭ།
SACHEN SCHOOL
Branch of Sakya College,
Primary School
location: Deckyling
08/06/2026
ས་ཆེན་སློབ་གྲྭའི་གུང་གསིང་ཟླ་བ་གཉིས་ལ་རྒྱུན་གཏན་སློབ་མ་རྣམས་ལ་ཟུར་ཁྲིད་ཀྱི་འཛིན་གྲྭ་རེ་ཆག་མེད་ཡོད་པ་དང་། སྤྱི་ཟླ་དྲུག་པ་འདིའི་ནང་དམིགས་བསལ་ཝ་ཎ་མཐོ་རིམ་སློབ་གྲྭའི་ས་སྐྱའི་རང་གཞུང་དཔེ་ཁྲིད་དགེན་མཁན་པོ་ངག་དབང་ཐོགས་མེད་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དེ་རིང་འཛིན་གྲྭ་གོང་མ་གཉིས་ལ་ཐོག་མའི་ཀུན་སློང་དང་ཀུན་སྤྱོད། དེ་བཞིན་རང་ཉིད་ལ་དམིགས་ཡུལ་ངེས་ཅན་ཞིག་དགོས་པ། དེ་བསྒྲུབ་པ་ལ་ཐབས་ལམ་དང་འཇོན་ཐང་། དཀའ་ལས་རྒྱག་ཐུབ་པ་རྣམས་གཞིར་རྩར་བྱས་ནས་ཤེས་ཡོན་སློབ་སྦྱོང་བྱེད་དགོས་པ་མ་ཟད་དེ་ལས་ལྷག་པའི་ལག་ཆ་མེད་པའི་ལམ་སྟོན་གྱི་ཐོག་ནས་རྒྱལ་སྲས་ལག་ལེན་སོ་བདུན་མའི་འཆད་ཁྲིད་དབུ་བཙུགས་གནང་།
01/06/2026
དེ་རིང་སྤྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་སིང་གྷ་པུར་ནས་ལྷག་བསམ་གྱིས་བསྐུལ་བའི་དགེན་ལགས་རྣམ་པ་བཞི་ནས་ས་ཆེན་སློབ་གྲྭར་གཞན་གྱིས་གང་ཟེར་གཙོ་དོན་མིན་པར་སློབ་མ་རྣམས་ཀྱིས་གཙོ་བྱས་ནས་མ་འོངས་སྤྱི་ཚོགས་གསར་པར་གཅུང་ཟད་ཕན་པའི་བསམ་སྤྱོད་ཡངས་པོས་ཟླ་གཅིག་རིང་དབྱིན་སྐད་ཟུར་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞེས་ཕེབས་སྐྱེལ་མཛད་སྒོ་ཞུས་པ།
We Sachen family abide a farewell ceremony to express gratitude to the four teachers/volunteers from Singapore who, provided a one-month English language training program at Sachen School. Their teaching was guided by a broad-minded vision focused on placing students at the center and helping them develop attitudes and values that can contribute to build a better future society. We sincerely thank them for their dedicated service.
Thank you again🙏
17/05/2026
༄། །ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་འདི་ག་ས་ཆེན་སློབ་གྲྭ་ནས་ ༧གོང་ས་མཆོག་དང་༧སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྣམ་གཉིས་ཀྱིས་དབུས་རིས་སུ་མ་ཆད་པའི་བསྟན་བདག་བླ་ཆེན་རྣམས་སྐུ་ཚེ་ཡུན་རིང་བརྟན་པ་དང་། འགྲོ་བ་སྤྱི་དང་ལྷག་པར་དངོས་ཤུགས་རྒྱུད་གསུམ་ནས་མཐུན་འགྱུར་རོགས་རམ་གནང་མཁན་གྱི་བསྟན་པའི་སྦྱིན་བདག་རྣམས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་ཆེད་མཛད་རིམ་གཤམ་གསལ།.
On this auspicious full moon day of Saga Dawa (15th lunar day), we at Sachen school oraganizing a prayers and religious ceremonies for the long life and stability of His Holiness Dalai Lama, and H.H the Sakya Trichen Dorjee Chang along with supreme protectors, and all the great lineage masters. And also for the wellbeing, long life, freedom from illness, happiness, and prosperity of all sentient beings in general, and especially for the benefactors and supporters of the Dharma who have offered help and support directly and indirectly in various ways.
27/04/2026
སློབ་གྲྭ་འདི་གའི་སློབ་ལོ་༢༠༢༥ ནས་༢༠༢༦ བར་གྱི་སློབ་ཁྲིད་ཡོངས་རྫོགས་ལེགས་གྲུབ་བྱུང་བའི་མཐར། སྤྱི་ཟླ་༤ པའི་ཚེས་༢༦/༢༧ ཉིན་གཉིས་རིང་། ལོ་གཅིག་རིང་དགེ་བའི་བཤེས་གཉེན་རྣམས་ནས་སྦྱངས་པའི་ཡིག་རྒྱུགས་བཏང་སྟེ། སློབ་ལོ་བཀྲིས་པའི་ངང་ལེགས་གྲུབ་བྱུང་བ་ནི། ལྷ་བླ་མ་རྣམས་ཀྱིས་སྡོང་གྲོགས་མཛད་པའི་བཀའ་དྲིན་ཉག་གཅིག་ཡིན་པས། དེ་ལ་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ། དེ་བཞིན་འབྲེལ་ཡོད་ཡོངས་ལ་ཡང་བཀའ་དྲིན་ཆེའོ།།
The academic year 2025–2026 at this school has been successfully completed. The final exams, based on what was studied throughout the year, were held over two days on April 26 and 27.
The successful completion of the year is thanks to the kindness and support of the lamas and teachers. I would like to sincerely thank them, as well as everyone involved.
21/03/2026
དེ་རིང་སྤྱི་ཚེས་༢༡/༣/༢༠༢༦/ ཉིན་ཕྱེད་གུང་སེང་དང་སྟབས་བསྟུན་ཏེ། འདི་ག་ས་ཆེན་སློབ་གྲྭའི་དགེ་སློབ་ཚང་མ་༧ སྐྱབས་མགོན་༧ ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་མཇལ་ཁ་ཞུས་པ།
དེ་རིང་ཉིན་ཕྱེད་གུང་སེང་དང་སྟབས་བསྟུན་ཏེ། ས་ཆེན་སློབ་གྲྭའི་དགེ་སློབ་ཚང་མ་༧ སྐྱབས་མགོན་༧ ས་སྐྱ་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་མཇལ་ཁ་ཞུ་སྐབས་རིན་པོ་ཆེ་མཆོག་ནས་སློབ་མ་ཆུང་ངུ་རྣམས་ལ་ཐུགས་བརྩེ་བའི་སྒོ་ནས་བཀའ་སློབ་སྙིང་བསྡུས་བསྩལ་གནང་མཛད་པའི་བཀའ་སློབ་ལགས་སོ།།
19/02/2026
ལྔ་རིག་སྨྲ་བའི་དབང་ཕྱུག ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ། དཔལ་ལྡན་ས་སྐྱ་པའི་བཤད་གྲྭ་ལྟེ་གནས་མ་ཡུམ་ས་སྐྱ་མཐོ་སློབ་ཀྱི་མཁན་རབས་བཞི་པ། བཀའ་དྲིན་མཚུངས་ཟླ་མ་མཆིས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་རང་ཅག་སློབ་མ་རྣམས་བསོད་ནམས་དམན་པས་ཉེ་བའི་ཆར་དགོངས་པ་གཞན་དོན་དུ་གཤེགས་སོང་བར་བརྟེན། འདི་ག་ས་སྐྱ་མཐོ་སློབ་ཀྱི་ཡན་ལག་ས་ཆེན་སློབ་གྲྭའི་དགེ་སློབ་འདུས་ཚོགས་ནས་རང་ཅག་རྣམས་ཀྱི་བསོད་ནམས་གསོག་ཕྱིར་དང་། བདེ་བར་གཤེགས་པ་མཁན་ཆེན་དམ་པ་མཆོག་གི་ས་ལམ་གྱི་བར་ཆད་ཐམས་ཅད་ཞི་ཞིང་ཟག་མེད་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་པ་དང་།
སླར་ཡང་རང་ཅག་བསྟན་འགྲོ་ཡོངས་ཀྱི་མགོན་དུ་འཁྲུལ་བྲལ་ཡང་སྲིད་མྱུར་དུ་བྱོན་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ཀྱི་ཆེད་དུ་དམིགས་ཏེ། མཁན་ཆེན་དམ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཉིན་དེ་ནས་བཟུང་བདུན་ཚིགས་སྐབས་རྒྱུན་ཆད་མེད་པར་སྨོན་ལམ་རྣམ་གསུམ་འདོན་པ་དང་། མཆོད་འབུལ་བཅས་ཞུ་མུས་བཞིན།
དེ་རིང་བོད་ཚེས་ ༢ ཉིན་ནི་མཁན་ཆེན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་བདུན་ཚིགས་མཐའ་མ་དེ་ཡིན་སྟབས་འདི་གའི་དགེ་སློབ་འདུས་པ་ཡོངས་ནས་སྨོན་ལམ་རྣམ་གསུམ་དང་། མཆོད་འབུལ་བཅས་ཀྱི་སྒོ་ནས་སྲུང་རྩིས་ཞུས་པ་ལགས་ན། གོང་དུ་སྨོས་པའི་རེ་འབྲས་རྣམས་དེ་དེ་བཞིན་དུ་མྱུར་དུ་འགྲུབ་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་དང་།
ལྷག་པར་དུ་མཁན་ཆེན་ཁོང་གི་བདུན་ཚིགས་སྲུང་རྩིས་ཞུས་པ་དང་སྟབས་བསྟུན་ཏེ། སློབ་སྤྱི་མཆོག་ནས་སློབ་མ་གསར་ཞུགས་བཞི་ལ། ཁ་བཏགས་དཀར་པོ་དང་ཐུགས་སྨོན་བཅས་གནང་སྟེ་རབ་བྱུང་གི་གྲལ་དུ་ཞུགས་པ་དང་། སློབ་མ་ཁོང་བཞི་པོས་་མཁན་ཆེན་མཆོག་གི་གསུང་གི་ཕྲིན་ལས་ཀྱི་ཟུར་ཙམ་ཞིག་ཀྱང་ཞབས་འདེགས་ཞུ་ཐུབ་པའི་སྐྱེས་བུ་ཉིད་དུ་འགྱུར་བའི་སྨོན་འདུན་ཞུའོ།།
17/02/2026
འབྲེལ་ཡོད་ཡོངས་ལ་ལོ་གསར་པའི་ཉིན་མོར་མཚམས་དྲི་བཀྲ་ཤིས་བདེ་ལེགས་ཞུ།
ས་སྐྱ་མཐོ་སློབ་ཀྱི་མཁན་སྤྲུལ་བསམ་གཏན་མགོན་པོ་མཆོག་ནས་འདི་གར་བཞུགས་པའི་སློབ་མ་རྣམས་ལ་ཐུགས་བརྩེའི་སྒོ་ནས་ལོ་གསར་རྔན་པར་ལྷམ་གོ་ཆ་རེ་ཕུལ་གནང་མཛད་པ་དང་། སློབ་སྤྱི་
ཨཅཱརྱ་འཇམ་དབྱངས་ཆོས་ཀྱི་རྒྱ་མཚོ་མཆོག་ནས་ཀྱང་སློབ་ཕྲུག་རྣམས་ལ་སྐུ་འགྱེད་ཕུལ་གནང་མཛད་པར་སྙིང་ནས་བཀའ་དྲིན་ཆེ་ཞུའོ།།
Losar (New Year) Greetings and Tashi Delek.
On the occasion of the New Year, we would like to extend our greetings and best wishes.
Venerable Khentrul Samten Gonpo of Sakya College, out of his great compassion, kindly offered each student a pair of shoes as a New Year gift.
We would also like to express our heartfelt gratitude to the School Principal, Acharya Jamyang Chökyi Gyatso, who generously presented gifts to the students.
Click here to claim your Sponsored Listing.
Location
Category
Contact the school
Telephone
Website
Address
Kirsali, Sahastradhara Road, Deckyling Tibetan Colony
Dehra Dun
248001
Opening Hours
| Monday | 9am - 5pm |
| Tuesday | 9am - 5pm |
| Wednesday | 9am - 5pm |
| Thursday | 9am - 5pm |
| Friday | 9am - 5pm |
| Saturday | 9am - 12pm |